ཕྱི་སྦྱོང་སློབ་མས་ཀྲུང་གོའི་གྲོང་གསེབ་རིག་གནས་ལ་མྱོང་རོལ་བྱེད་པ།
ཉིན་ཤས་གོང་། ཨུ་རུ་སུ་དང་། ཕ་ཁི་སི་ཐན། མོ་རོ་ཁོ། ཧྥ་རན་སེ་སོགས་རྒྱལ་ཁབ་8ཀྱི་ཀྲུང་གོར་སློབ་སྦྱོང་ལ་ཡོང་མཁན་ཕྱི་སྦྱོང་སློབ་མ་20ཡིས་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དབྱི་ནན་རྫོང་ཀྲུའུ་ཆོན་གྲོང་ཚོར་ཡིག་སྒྲིག་པར་འདེབས་སྟངས་དང་། རྩྭ་བསླས་སྟངས། བག་ལེབ་སྲབ་མོ་སྲེག་སྟངས། དྲི་ཞིམ་ཁུག་མ་བཟོ་སྟངས་སོགས་སྲོལ་རྒྱུན་ལག་ཤེས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མྱོང་རོལ་བྱས་ནས་ཀྲུང་གོའི་གྲོང་གསེབ་རིག་གནས་ཀྱི་ངོ་མཚར་ཉམས་སུ་མྱོང་བར་བྱས་པ་རེད། འདི་ནི་ལིན་དབྱི་གྲོང་ཁྱེར་དབྱི་ནན་རྫོང་ཐུང་ཅིང་གྲོང་རྡལ་ཀྲུའུ་ཆོན་གྲོང་ཚོར་ཕྱི་སྦྱོང་སློབ་མས་ཡུལ་མིའི་མཛུབ་ཁྲིད་འོག་བག་ལེབ་སྲབ་མོ་སྲེག་སྟངས་སྦྱོང་བཞིན་པ།