བོད་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་422བསྐྲུན་པ།
འདི་ནི་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་གྲོང་མིས་ཚད་གཞི་མཐོ་བའི་ཞིང་ནང་དུ་ནས་བརྔ་བསྡུ་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་མི་རྣམས་ཀྱིས་ནས་བསྡུ་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་གྲོང་མིས་ཐོ་ཕྲུག་བཏང་ནས་ཞིང་རྨོ་བཞིན་པ།
འདི་ནི་ལས་དོན་མི་སྣས་ཞིང་འཕྲུལ་བཏང་སྟེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཆུ་ཁ་བྱང་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ནང་དུ་གྲོ་བརྔ་བསྡུ་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྨོ་ཞིང་སྒྱུར་བཀོད་ལག་ལེན་ཧུར་ཐག་བསྟར་ནས་ཚད་གཞི་མཐོ་བའི་ས་ཞིང་བསྐྲུན་པ་བརྒྱུད་རྨོ་ཞིང་གི་སྤུས་ཚད་དང་འབྲུ་རིགས་ཐོན་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2023ལོའི་ཟླ་དགུ་པའི་ཟླ་མཇུག་བར་བོད་ཀྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་422བསྐྲུན་པ་དེས་རྨོ་ཞིང་རྒྱ་ཁྱོན་གྱི་63.64%བཟུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཚད་གཞི་མཐོ་བའི་ས་ཞིང་གིས་རྣམ་གྲངས་ཁུལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད་དང་རྨོ་འདེབས་བསྡུ་བཅས་ཕྱོགས་བསྡུས་འཕྲུལ་ཆས་ཅན་ལ་འགྱུར་ཚད་མངོན་གསལ་དོད་པོས་མཐོ་རུ་དང་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་ཡོད།