མཐའ་མཚམས་སྡོད་ཁང་ཚར་དུ་དངར། གྲོང་གསེབ་འཚོ་བ་སྐྱིད་སྣང་དོད།
རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཟུར་ཞིག་ཡིན་པ།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྟ་དམག་གྲོང་ཚོའི་མང་ཚོགས་ཀྱིས་གྲོང་ཚོའི་ཐང་ཆེན་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་པ།
གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཤར་གཏོང་ཐུབ་ཆེད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་སྟེ། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་བར། མིག་སྔར། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང(གྲོང་རྡལ)ཡོངས་སུ་སྣུར་སྲིང་དང་། གྲོང་ཚོ་ཀུན་ཏུ་སྦྲག་སྲིད་ཤར་གཏོང་། སྒུལ་བདེའི་འཕྲིན་གཏོང་དྲ་བ་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་པ་བཅས་བྱུང་བ་དང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།