དབུ་ཤོག>པར་མཛོད།>པར་མཁན།
  • དོམ་ཁྲ“ཤང་ཤང”སྤྱི་དམངས་ལ་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-12

    ཉེ་ཆར། དོམ་ཁྲ“ཤང་ཤང”ཀྲུང་གོའི་དོམ་ཁྲའི་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་གཡག་རྔ་པི་ཧྥུང་གྲོག་རོང་རྟེན་གཞིར་སྤྱི་དམངས་ལ་བསྟན་པ་དང་། འདི་ལོའི་ཟླ་2ཚེས་21ཉིན“ཤང་ཤང”རི་པིན་ཐོ་ཁེའོ་ཧྲང་ཡེ་སྲོག་ཆགས་གླིང་ནས་ཕ་ཡུལ་སི་ཁྲོན་དུ་ལོག་རྗེས་གསོ་ཚགས་པས་ལྟ་རྟོག་གང་ལེགས་བྱས་པས་པི་ཧྥུང་གྲོག་རོང་གི་འཚོ་བའི་ཁོར་ཡུག་ལ་འཕྲོད་ཡོད། དོམ་ཁྲ“ཤང་ཤང”ནི་2017ལོའི་ཟླ་6པར་རི་པིན་གྱི་ཐོ་ཁེའོ་རུ་སྐྱེས་ཤིང་། རི་པིན་དུ་ཡོད་པའི་དོམ་ཁྲ“པི་ལི”དང“ཤན་ཉུས”ཀྱི་དོམ་ཕྲུག་ཡིན་པས་རི་པིན་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འདི་ནི་ཀྲུང་གོའི་དོམ་ཁྲའི་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་གཡག་རྔ་པི་ཧྥུང་གྲོག་རོང་རྟེན་གཞིར་དོམ་ཁྲ“ཤང་ཤང”གིས་སྨྱུག་མ་ཟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།