མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ལེན།
རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་དུས་རབས་གསར་པའི་བདེ་ཐང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི“དམངས་ཡོངས་ཀྱི་བདེ་ཐང་གཟའ་འཁོར”གྱི་ལུས་སྦྱོང་ཞབས་བྲོའི་འགྲན་བསྡུར་ཆེན་པོ་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་དུ་འགོ་ཚུགས་ཤིང་། ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་ཁུལ་གྱི་ལུས་སྦྱོང་དཔུང་ཁག་16གི་རུ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ། སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་བླངས་པ་དང་། འཁྲུག་ཆ་དོད་པའི་ཞབས་བྲོའི་སྟངས་སྟབས་དང་འགྲོགས་ནས་དུས་རབས་གསར་པའི་འཕེལ་རྒྱས་ལ་བསྟོད་པ་ཕུལ་བ་རེད།
འདི་ནི་ལུས་སྦྱོང་ཞབས་བྲོའི་འགྲན་བསྡུར་ཆེན་པོའི་འགོ་ཚུགས་མཛད་སྒོར། སྣེ་གདོང་ཆུས་དམངས་ཁྲོད་ནང་མ་སྟོད་གཞས་ཚོགས་པའི་ཚོགས་མི་འགྲན་རར་སྐྱོད་བཞིན་པ།