དབུ་ཤོག>པར་མཛོད།
  • གངས་རིའི་འདབས་ཀྱི་ངོམ་སྟོན།

    སྲོལ་རྒྱུན་སྣམ་བུའི་རིག་གནས་ངོམ། དར་བཟོ་ཆེ་བའི་གྱོན་གོས་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-01

    འདི་ནི་མོ་ཐྲོལ་གྱིས“གངས་ལྗོངས་ཀྱི་སྙན་གྲགས”ཞེས་པའི་གཞིས་རྩེ་གྲོང་ཁྱེར་གྱི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་ངོམ་སྟོན་བྱེད་བཞིན་པ།

    སྟོན་ཟླ་ཐ་ཆུང་གི་ས་མཐོར་སྙེ་མའི་མགོ་ལྕོག་ལྡེམ་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད།

    ཟླ་9ཚེས་17ཉིན་གྱི་སྔ་དྲོར། “གངས་ལྗོངས་ཀྱི་སྙན་གྲགས”ཞེས་པའི་གཞིས་རྩེ་གྲོང་ཁྱེར་གྱི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་ངོམ་སྟོན་བྱེད་སྒོ་ས་བབ་མཐོ་ཚད་སྨི་4800ཟིན་པའི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་མ་ཡོར་གྲོང་ཚོར་འགོ་ཚུགས་པ་རེད།

    དེའི་ཉིན་ནམ་མཁའ་གཡའ་དག་པ་དང་གནོད་སྦྱིན་གང་བ་བཟང་པོ་རྒྱབ་ལྗོངས་སུ་བྱས་པ་དང་། བོད་རིགས་ཀྱི་ཡུལ་སྲོལ་ཟབ་མོ་མཚོན་པའི་དྲིལ་བུའི་སྒྲའི་ཁྲོད་མོ་ཐྲོལ་ཚོས་ལུས་ལ་བཟོ་རྩལ་གསར་པའི་སྣམ་བུའི་གྱོན་ཆས་བཟོ་ལྟ་མི་འདྲ་བ་40ཙམ་གྱོན་ཏེ་སྔ་རྗེས་སུ་གར་སྟེགས་ཐོག་འོང་ནས་ལྟད་མོ་བ་ཚོར་ཚོར་སྣང་ཟབ་མོ་སྦྱིན་པའི་མིག་གི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།

    ད་རེས་ཀྱི་དར་བཟོའི་གྱོན་ཆས་ངོམ་སྟོན་གྱི་ཇུས་འགོད་པ་ཧྲང་ཧའེ་ས་གནས་ཀྱི་སྒྱུ་རྩལ་ར་ཁུལ་ཐོན་རྫས་གྲགས་རྟགས(sandriver)བྱེ་མའི་གཙང་པོའི་སྲོལ་གཏོད་པ་ཀུའོ་ཤིའུ་ལིང་གིས་སྣམ་བུར་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་གྱི་རིག་གནས་ལྡན་པས། དེས་བོད་ཀྱི་དམངས་སྲོལ་མཚོན་ཐུབ་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རང་བྱུང་ཁམས་དབར་གྱི་ཞི་མཐུན་མཉམ་གནས་ཀྱི་རྣམ་པའང་ར་འཕྲོད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ད་ཐེངས་ཀྱི་གྱོན་ཆས་དར་བཟོའི་ངོམ་སྟོན་ཐོག་གི་གྱོན་ཆས་དག་རྒྱལ་རྩེ་རྫོང་གི་སྣམ་བུ་འཐག་རྩལ་ལ་བྱང་ཆུབ་པའི་བུད་མེད་ཚོས་བཏགས་པའི་ཐོག་ཧྲང་ཧའེ་བོད་སྐྱོར་ཁེ་ལས་ཀྱིས་དེང་རབས་དར་བཟོའི་ཇུས་འགོད་བྱས་པ་ཞིག་རེད།

    “ང་ཚོས་མཐོང་བ་ནི་ཕལ་ཆེར་དུས་རྒྱུན་འཚོ་བའི་ནང་སྤྱོད་པའི་རྒྱན་གོས་དང་གྱོན་ཆས་ཤིག་རེད་སྙམ་སྲིད་ཀྱང་། ཐོན་རྫས་དེར་ལག་ཤེས་བཟོ་རྩལ་འདུས་ཡོད་པ་མ་ཟད། མི་རིགས་རིག་གནས་ཀྱི་མཚོན་ཚུལ་ཟབ་མོའང་ཡོད་པས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་བློ་གྲོས་ཀྱང་འདུས་ཡོད”ཅེས་ཀུའོ་ཤིའུ་ལིང་གིས་གསར་འགོད་པར་བཤད་བྱུང་། ཁོང་གིས་Sandriverནང་གདོད་མའི་སྣམ་བུའི་ལག་རྩལ་ཆ་ལག་ཚང་པོས་སོར་འཇོག་བྱས་པའི་ཐོག་གྱོན་ཆས་དང་ནང་ཆས་སོགས་ཀྱི་ཐོན་རྫས་ལ་བརྟེན་ནས་དེའི་མཛེས་སྡུག་སྣ་ཚོགས་མངོན་པར་བྱས་ཡོད་པས། སྣམ་བུ་དེ་མི་རྣམས་ཀྱི་དེང་རབས་འཚོ་བ་དང་མཉམ་འདྲེས་ཟབ་མོ་བྱུང་ཡོད་ཅེས་བཤད།

    ཧྲང་ཧའེ་ཁ་གཏད་བོད་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་གྱོན་ཆས་དར་བཟོའི་ངོམ་སྟོན་དེ་ཧྲང་ཧའེ་བཟོ་བོ་བོད་ལ་བསྐྱོད་དེ་བོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ལ། བོད་དང་ཧྲང་ཧའེ་དབར་མཉམ་ལས་བྱ་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཧྲང་ཧའེ་ཡི་སྲོལ་རྒྱུན་བཟོ་རྩལ་ཁེ་ལས་དང་ལས་རིགས་ཀྱི་སྣེ་འཁྲིད་པ་གདན་དྲངས་ཏེ། ས་གནས་ཀྱི་སྲོལ་རྒྱུན་སྣམ་བུའི་ཐོན་རྫས་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་བྱ་རྒྱུར་རོགས་རམ་དང་། སྲོལ་རྒྱུན་ཚོགས་སྤྱིའི་ལག་ཤེས་དང་ཇུས་འགོད་ལེགས་བཅོས། སྤུས་ཚད་མཐོར་གཏོང་། ཚོང་རྟགས་གྲགས་ཅན་སྐྱེད་སྲིང་། ཚོང་ལམ་རྒྱ་སྐྱེད་ལ་མཛུབ་ཁྲིད་བཅས་བྱས་པ་མ་ཟད། སྔོན་ཐོན་གྱི་ཕྱིར་ཚོང་བྱེད་སྟངས་དང་། ཇུས་འགོད་བསམ་ཕྱོགས། བཟོ་རྩལ་བཅས་ལ་བརྟེན་ནས་བོད་ཀྱི་ཁྱད་ཆོས་ལྡན་ཞིང་སྤྱི་དམངས་ཀྱི་མཛེས་དཔྱོད་ལྟ་བ་དང་མཐུན་ལ། ཉར་ཚགས་བྱ་རྒྱུར་འཚམ་པའི་སྣམ་བུའི་ཐོན་རྫས་གསར་པ་ཁག་གཅིག་ཐོན་སྐྱེད་བྱས་ཏེ་རྒྱལ་ཡོངས་དང་རྒྱལ་སྤྱིར་ཁྱབ་སྤེལ་བཏང་ནས་ས་ཁོངས་ཀྱི་ཚོད་འཛིན་འཆིང་རྒྱ་ལས་གྲོལ་ཏེ་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ཕན་འབྲས་སུ་ཧུར་ཐག་འགྱུར་རྒྱུའི་རེ་བ་འཆང་བཞིན་མཆིས།རྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།