རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས“དུས་ཆེན་གཉིས”ལ་བསུ་བ་ཞུས་པ།
འདི་ནི་ལྷ་ས་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོས་ཀྲུང་ཧྭའི་རིག་གནས་སྤྱི་གླིང་དུ་རིག་རྩལ་བྱེད་སྒོ་སྤེལ་ནས《མེས་རྒྱལ་ལ་བསྟོད་གླུ་འབུལ་བ》སོགས་ཀྱི་གླུ་གཞས་བཏང་ནས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་རེད།
འདི་ནི་ཉེ་དུས་ལྷ་ས་གྲོང་ཁྱེར་གྱིས“རྒྱལ་སྟོན་དགའ་བས་བསུས་ཏེ་ཟླ་མཆོད་དུས་ཆེན་དགའ་གཏོང་བྱེད”ཅེས་པའི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་བྱ་ཡུལ་ཡིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གི“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ”ཞེས་པའི་རིག་རྩལ་སྐོང་འཁྲབ་བྱ་ཡུལ་ཡིན་པ།
འདི་ནི་ཉེ་དུས་བོད་ལྗོངས་རྟེན་མཛོད་ཁང་གིས“ང་ཚོའི་དུས་ཆེན་གཉེར་ཏེ་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན”ཞེས་པའི་རིག་གནས་བྱེད་སྒོ་སྤེལ་ཞིང་། འདི་ནི་གྲོགས་པོ་ཆུང་ཆུང་ཞིག་གིས་རང་ཉིད་ཀྱིས་བཟོས་པའི་རི་བོང་སྟོན་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཤར་གྲོང་ཡན་ལག་བུ་བཅོལ་ཁང་གིས“རྒྱལ་སྟོན་ལ་རྟེན་འབྲེལ་ཞུ། ཟླ་མཆོད་དུས་ཆེན་ལ་བསུ་བ་ཞུ”ཞེས་པའི་བྱེད་སྒོ་སྤེལ་ཞིང་། འདི་ནི་གྲོགས་པོ་ཆུང་ཆུང་ཞིག་གིས་དགེ་རྒན་གྱི་མཛུབ་སྟོན་འོག་ལྒང་བཞུའི་སྐོར་གྱི་གབ་ཚིག་ལ་བསམ་བློ་གཏོང་བཞིན་པ།