དབུ་ཤོག>པར་མཛོད།
  • རྒྱུན་སྤྱོད་ཀྱི་མཁོ་ཆས་ནས་བཟོ་རྩལ་ཐོན་རྫས་སུ་གྱུར་པའི་བོད་གྲི

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-01

    འདི་ནི་བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་གྲི་ཡིན་པ།

    འདི་ནི་ལྕགས་གཏེར་རིགས་གསུམ་མཉམ་དུ་བཙོ་སྦྱངས་བྱས་པ་ལས་གྲུབ་པའི་བོད་གྲིའི་ཁྲ་རིས་ཡིན་པ།

    བོད་ལུགས་གསོ་རིག་ལ་ཆེད་མངགས་སྤྱོད་པའི་གཏར་གྲི་སོགས་ཡིན་པ།

    འདི་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཆུ་ཤུར་གྱི་ལྕུག་སླས་བཟོ་རྩལ་རྒྱུན་འཛིན་པས་སྲོལ་རྒྱུན་གྱི་གྲི་སྤྱོད་བཞིན་པ།

    འདི་ནི་ཡིད་འོང་གི་བོད་གྲིའི་ཤིང་ཡུ་བཟོ་མཁན་དཀོན་མཆོག་ཉི་མས་གྲི་ཡུ་རྡར་བཞིན་པ།

    འདི་ནི་གློག་བརྙན《ཨ་ཕའི་གྲི》ཞེས་པའི་པར་ཡིན་པ།

    མི་རིགས་ཀྱི་ལག་ཤེས་བཟོ་ལས་ནི་རང་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེ་ལས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་བཞིན་ཡོད། རང་ལྗོངས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ལག་ཤེས་ཐོན་རྫས་མང་པོ་ཡོད་པ་དེ་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་གི་ཡོད། རང་ལྗོངས་ལ་མི་རིགས་ཀྱི་ཕུལ་བྱུང་ལག་ཤེས་ཐོན་རྫས་མང་པོ་ཡོད་པའི་ཁྲོད་བོད་གྲི་ནི་ཐུན་མོང་མ་ཡིན་པ་ཞིག་རེད།

    བོད་གྲི་ནི་བོད་ཀྱི་ལྕགས་རིགས་རྡུང་རྩལ་ལས་གྲུབ་པ་ཞིག་ཡིན་པ་དང་། དེའི་མིང་གྲགས་ཕྱོགས་བཞིར་ཁྱབ་པ་མ་ཟད། གནའ་བོའི་བཟོ་རྩལ་དེ་ཆེས་རྒྱུན་གཏན་དང་ཆེས་མཚོན་བྱེད་ལྡན་པའི་རིགས་ཤིག་ཀྱང་ཡིན་སྟབས། མངོན་གསལ་དོད་པའི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན། བོད་མི་དམངས་ཀྱི་ཐོན་སྐྱེད་དང་། འཚོ་བ། མཛེས་དཔྱོད་སོགས་ཀྱི་ཁྲོད་དུ་བོད་གྲིས་གནས་བབ་གལ་ཆེན་བཟུང་ཡོད་ལ། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།