ཞབས་བྲོ་འཁྲབ་ནས་ལུས་བདེ་སེམས་སྐྱིད་ཡོང་བར་བྱེད།
འདི་ནི་གྲོང་མིས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཞབས་བྲོ་འཁྲབ་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་ལས་སྟེགས་ཧུར་ཐག་སྐྲུན་པ་དང་། ལུས་སྦྱོང་གི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ལུས་སྦྱོང་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུ“དྲུག་ཁྱབ་གདལ”དང“གསུམ་སྐྱེལ”ལུས་རྩལ་གཞི་རིམ་དུ་སྤེལ་བའི་བྱེད་སྒོའི་ནང་ཕུལ་བྱུང་གི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་མི་ཐེངས་120འདེམས་མངགས་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུ་སློབ་གྲྭར་ཁྱབ་པའི་བྱེད་སྒོ་སྤེལ་བ་དང་འབྲེལ་རིན་ཐང་སྒོར་ཁྲི་34རི་བའི་ལུས་སྦྱོང་ཡོ་བྱད་ཞལ་འདེབས་བརྒྱབ་ཡོད།