ལོ་ལེགས་བྱུང་བ།
འདི་ནི་གྲོང་དཀར་གྲོང་ཚོའི་འདེབས་འཛུགས་དུད་ཚང་གིས་ལོ་ལེགས་བྱུང་བའི་ཉུང་མ་ངོམས་བཞིན་པ།
2023ལོར། འདམ་གཞུང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའོ་དང་འབྲེལ་ཡོད་ཚན་པ་དང་མཉམ་དུ་ལེགས་འདེམས་འདེབས་གསོ་བྱས་པའི་ཉུང་སོན་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོར་ཚོད་འདེབས་བྱས་པ་རེད། མིག་སྔར། ཚོད་འདེབས་བྱས་པའི་ཉུང་མའི་ཐོན་འབབ་ལེགས་ཤིང་། ཉུང་མའི་རྩ་བའི་ལྗིད་ཚད་ལ་རྒྱ་མ་10.66དང་ཉུང་མ་ཧྲིལ་པོའི་ལྗིད་ཚད་ལ་རྒྱ་མ་13.64ཟིན་ནས། མུའུ་རེའི་ཐོན་འབབ་རྒྱ་མ་ཁྲི་ཡན་ཟིན་ཡོད་པ་རེད།