ཕིང་ཕང་སྤོ་ལོའི་སྐྱེས་པའི་ཚོགས་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ།
ཟླ་9ཚེས་26ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་རྣམ་གྲངས་ཀྱི་སྐྱེས་པའི་ཚོགས་པའི་མཐའ་བསྡུར་ཧང་ཀྲོའུ་ཀུང་ཧྲུ་འོབས་ཀླུང་ལུས་རྩལ་སྤྱི་གླིང་གི་ལུས་རྩལ་ཁང་དུ་གཉེར་བ་དང་། ཀྲུང་གོའི་རུ་ཁག་3:0གྱི་བསྡུར་གྲངས་ཐོག་ནས་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གསེར་གྱི་རྟགས་མ་ཐོབ་པ་རེད།
འདི་ནི་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་མཱ་ལུང་དང་། ལིན་ཀའོ་ཡོན། རྩལ་ཁྲིད་པ་ཝང་ཧའོ། བདམས་ཐོན་པ་ཝང་ཁྲུའུ་ཆིན། ལེང་ཅིང་ཁུན། ཧྥན་ཀྲེན་ཏུང(གཡོན་ནས་གཡས་བར)བཅས་ཀྱིས་འགྲན་བསྡུར་མཇུག་འགྲིལ་རྗེས་རྒྱལ་དར་ཉར་ནས་རྟེན་འབྲེལ་ཞུ་བཞིན་པ།