མི་བདུན་ཅན་གྱི་སྐྱུ་རུའི་སྤོ་ལོའི་བུད་མེད་ཀྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ།
ཟླ་9ཚེས་26ཉིན་གྱི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མི་བདུན་ཅན་གྱི་སྐྱུ་རུའི་སྤོ་ལོའི་བུད་མེད་ཀྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་22:21གི་བསྡུར་གྲངས་ཐོག་ནས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་པ་རེད། འདི་ནི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་རུ་ཁག་དང་། ཨང་གཉིས་པ་ཐོབ་མཁན་རི་པིན་རུ་ཁག ཨང་གསུམ་པ་ཐོབ་མཁན་ཀྲུང་གོའི་ཤང་ཀང་རུ་ཁག་བཅས་ཀྱིས་བྱ་དགའ་ལེན་པའི་མཛད་སྒོ་མཇུག་འགྲིལ་རྗེས་ལྷན་བཞུགས་དྲན་རྟེན་པར་རྒྱག་བཞིན་པ།