ཧེང་ཆིན་འགག་སྒོའི་དུས་ཐེངས་གཉིས་པའི་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་གྱི་བགྲོད་ལམ་ཁག་གཅིག་ཚོད་ལྟའི་འཁོར་རྒྱུག་བྱས་པ།
ཚེས་26ཉིན་ཧེང་ཆིན་འགག་སྒོའི་དུས་ཐེངས་གཉིས་པའི་ལས་གྲྭའི་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་མཉམ་འབྲེལ་གྱི་གཅིག་འཐུས་རྣམ་པའི་འཁོར་ལམ་ཁག་གཅིག་ཤར་གཏོང་བྱས་ནས་ཚོད་ལྟའི་འཁོར་རྒྱུག་བྱས་པ་དང་རྒྱལ་མཚམས་འཛུལ་སྒྲོལ་འཁོར་རིགས“བང་ཐེངས་གཅིག་བསྒྲིགས་དང་ཐེངས་གཅིག་ལ་གློད་འགྲོལ”མངོན་འགྱུར་བྱུང་བ་དེ་ནི་ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་གྱིས་གཡོད་ཨའོ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་དུ་དོ་དམ། མཉམ་སྤྱོད་བཅས་ཀྱི་སྒྲིག་སྲོལ་གསར་པ་ལག་ལེན་བསྟར་བའི་གསར་གཏོད་ལྡན་པའི་ལག་ལེན་གཞན་ཞིག་རེད།
ཚེས་26ཉིན་ཤར་གཏོང་གི་ཚོད་ལྟའི་འཁོར་རྒྱུག་བྱས་པའི་འཁོར་ལམ་ཁག་གཅིག་ནང་ཧེང་ཆིན་ནས་ཨའོ་མོན་དུ་སྐྱོད་པའི་འཁོར་ལམ་དྲུག་དང་ཨའོ་མོན་ནས་ཧེང་ཆིན་དུ་སྐྱོད་པའི་འཁོར་ལམ་དགུ་ཚུད་ཅིང་། འདི་ནི་ཟླ་9ཚེས་26ཉིན་ཨའོ་མོན་ནས་ཧེང་ཆིན་དུ་སྐྱོད་བཞིན་པའི་རླངས་འཁོར་ཡིན་པ།