ཚ་ཁའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་སྨི་25ཡི་ཐུང་མདའ་མྱུར་འཕེན་ཚོགས་པའི་གསེར་གྱི་རྟགས་མ་ཐོབ་པ།
ཟླ་9ཚེས་25ཉིན། ཧང་ཀྲོའུ་ཧྥུའུ་དབྱང་ཡིན་ཧུའུ་མཚེའུ་ལུས་རྩལ་ལྟེ་གནས་སུ་གཉེར་བའི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཚ་ཁའི་རྣམ་གྲངས་ཀྱི་སྐྱེས་པའི་སྨི་25ཡི་ཐུང་མདའ་མྱུར་འཕེན་ཚོགས་པའི་མཐའ་བསྡུར་ནང་ལི་གཡོད་ཧུང་དང་། ལིའུ་དབྱང་ཧྥན། ཝང་ཤིན་ཅེ་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་སྒོར་ཐིག་སྐར་གྲངས་བསྡོམས་འབོར་1765ཡི་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་མ་ཟད། འཛམ་གླིང་གི་ཟིན་ཐོ་ཡང་བཏོད་པ་རེད། འདི་ནི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ལི་གཡོད་ཧུང(དཀྱིལ)དང་། ལིའུ་དབྱང་ཧྥན(གཡས) ཝང་ཤིན་ཅེ་བཅས་ཀྱིས་བྱ་དགའ་ལེན་བཞིན་པ།