ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་དང་པོ་ལྷ་སར་མཇུག་འགྲིལ་བ།
ཟླ་9ཚེས་25ཉིན་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པ་དང་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་དང་པོ་ལྷ་སར་མཇུག་འགྲིལ་བ་རེད། བྱེད་སྒོའི་རིང་འགྲན་བསྡུར་དང་། འགྲེམས་སྟོན། འཁྲབ་སྟོན་བཅས་བྱས་པ་བརྒྱུད་རང་ལྗོངས་ཀྱི་དེང་དུས་སློབ་གྲྭ་ཆེ་མོ་བའི་རིག་རྩལ་ཉམས་འགྱུར་དང་རང་ལྗོངས་ཀྱི་མཐོ་སློབ་ཀྱི་མཛེས་རྩལ་སློབ་གསོའི་ལས་དོན་གྱི་ཕན་འབྲས་མངོན་པ་དང་རྒྱ་ཆེའི་དགེ་སློབ་ཀྱིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་སྔར་བས་ཁྲིད་སྟོན་བྱས་པ་རེད། འདི་ནི་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་སྒྱུ་རྩལ་འགྲེམས་འཁྲབ་སྐབས་དང་པོའི་མཇུག་འགྲིལ་མཛད་སྒོ་ཚོགས་ཡུལ་ཡིན་པ།