དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ།

ཟླ་9ཚེས་22ཉིན་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གཞུང་རྒྱུ་ཨུ་ལྷན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་གླིང་གིས་གཉེར་འགན་འཁུར་བའི་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“ལས་ཞུགས་ཐུབ་པར་རོགས་སྐྱོར་བྱེད། ལས་གནས་མང་པོས་ཁྱེད་ཚོ་སྒུག”ཅེས་པའི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ་རེད། ད་རེས་ཀྱི་འདུ་ཚོགས་ལ་གཞུང་ལས་ཁང་གི་གཞུང་ལས་པ་དང་། རྩིས་པ། ལག་རྩལ་པ། དངུལ་བསྡུ་མཁན་སོགས་ལས་རིགས་42ཀྱི་ལས་ཞུགས་ལས་གནས་154མཁོ་འདོན་བྱས་པ་དང་། དྲ་ཐོག་དང་དྲ་ཕྱིར་དུས་གཅིག་ཏུ་སྤེལ་བ། དབང་པོ་སྐྱོན་ཅན་264ཡིས་ས་གནས་ས་ཐོག་ཏུ་ཞུགས་པ། ལས་འཚོལ་ངོ་སྤྲོད་མདོར་བསྡུས་690སྤྲད་ཡོད། ལས་མི་བསྡུ་བའི་འདུ་ཚོགས་ལ་མི་25དང་གན་རྒྱ་བཞག་པ་དང་མི་60དང་ལས་ཞུགས་ཀྱི་འདོད་མཐུན་རགས་ཙམ་བྱུང་ཡོད། འདི་ནི་ལས་ཀ་འཚོལ་མཁན་གྱིས་ལས་གནས་ཀྱི་གནས་ཚུལ་འདྲི་བཞིན་པ།