བོད་དུ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་ནས་ཕ་ཡུལ་ལ་བསྟོད་གླུ་བླངས།
2023ལོའི་བོད་ལྗོངས་ལྷོ་ཁ་ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་དང་ལྷུན་རྩེ་གཡུ་ལྷོ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ལྷུན་རྩེ་རྫོང་དུ་འཚོགས་པ་དང་། ས་གནས་འདི་གའི་རིག་རྩལ་ལས་དོན་པས་ས་གནས་ས་ཐོག་གི་ཞིང་འབྲོག་མང་ཚོགས་སྟོང་ལྷག་ཙམ་ལ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ཏེ་ལོ་ལེགས་བྱུང་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ནས་ཕ་ཡུལ་ལ་བསྟོད་གླུ་བླངས་ཤིང་། འདི་ནི་ཟླ་9ཚེས་23ཉིན་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།