དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ལྷ་སའི་སློབ་གྲྭ

    སློབ་གྲྭ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-23

    སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ལྷ་སའི་སློབ་གྲྭའི་རྣམ་གྲངས་ལ། ཚོད་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.2བཏང་བ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་15.8ཡོད། 2023ལོར་སློབ་གྲྭའི་ཨར་སྐྲུན་ཚང་མ་དང་མཁྲེགས་ཆས་བསྐྲུན་ཚར་བ་བྱ་རྒྱུ་དང་2024ལོའི་དཔྱིད་དུས་སུ་སྔོ་ལྗང་བཏབ་རྒྱུ་མ་ཟད། ཟླ་ལྔ་པར་ཚར་བ་བྱས་ཏེ། ཟླ་བརྒྱད་པར་སློབ་མ་བསྡུ་རྒྱུ་རེད། སློབ་གྲྭ་བསྐྲུན་རྗེས་འཛིན་གྲྭ་108ཡོད་པའི་ནང་སློབ་གྲྭར་སློབ་ཞུགས་གོང་གི་འཛིན་གྲྭ་12དང་། སློབ་ཆུང་འཛིན་གྲྭ་24 དམའ་འབྲིང་འཛིན་གྲྭ་36 མཐོ་འབྲིང་འཛིན་གྲྭ་36བཅས་ཡོད་པས། ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་སློབ་མཚམས་ཁག་གི་སློབ་གསོའི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད། མིག་སྔར་སློབ་ཁང་ཚང་མ་བསྐྲུན་ཟིན་པ་དང་ཨར་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡོད་ཅིང་། འདི་ནི་བསྐྲུན་བཞིན་པའི་ཀྲུང་གོ་མི་དམངས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་ལྷ་སའི་སློབ་གྲྭ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།