དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཐོན་སློབ་མཉམ་འདྲེས་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་རིགས་སློབ་གསོ་དེ་ལས་ཞུགས་ལ་སྐུལ་འདེད་དང་གསར་གཏོད་ལ་སྐུལ་ཁྲིད་བྱེད་པའི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། “ལས་ཞུགས་སྣེ་ཁྲིད་དུ་བྱེད་པ་དང་ཞབས་ཞུ་དམིགས་ཡུལ་དུ་བྱ་རྒྱུ”མཐའ་འཁྱོངས་བྱེད་པ། ཐོན་སློབ་མཉམ་འདྲེས་བྱེད་ཟབ་ཏུ་གཏོང་བ། རྩལ་ནུས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྩལ་ནུས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ལས་རིགས་སློབ་གསོའི་སློབ་གཉེར་གྲུབ་ཆ་ལེགས་སུ་བཏང་ནས་ཕྱུགས་རིགས་སྨན་པ་དང་། ལྡུམ་རའི་ལག་རྩལ། རླངས་འཁོར་ཉམས་བཟོ། ཐང་ག་འབྲི་རྩལ། སྣུམ་ཚོན་རི་མོ་འབྲི་རྩལ་སོགས་ཀྱི་ཁྱད་ལྡན་ཆེད་ལས་བཙུགས་ནས། སློབ་མ་ཚོར་ལག་རྩལ་བསླབ་ནས་ཤེས་ལྡན་པ་གསོ་སྐྱོང་དང་ཁྲོམ་རའི་དགོས་མཁོ་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ནས་ལས་རིགས་སློབ་གསོའི་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད།

    འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མས་སྣུམ་ཚོན་རི་མོ་འབྲི་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།