སློབ་མས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལ་འགྲེལ་བཤད་རྒྱག་བཞིན་པ།
མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་ལ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་1251ཡོད་པ། དེ་དག་ཀྱང་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས་སོགས་མི་རིགས་ཀྱི་སློབ་མ་ཡིན། སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་དོན་དངོས་ལ་གཞིགས་ཏེ་འཛིན་ཚོགས་དང་། ཚོགས་པའི་བྱེད་སྒོ རྒྱལ་དར་སྒྲེང་བའི་མཛད་སྒོ་སོགས་ཀྱི་བྱེད་སྒོ་དང་དེ་བཞིན་ནག་པང་ཚགས་པར་དང་སློབ་གྲྭའི་རླུང་འཕྲིན་སོགས་ཀྱི་གཞི་རྟེན་གང་ལེགས་སྤྱད་དེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་སྟངས་ཕུན་སུམ་ཚོགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་དང་ཟབ་ཏུ་བཏང་ཞིང་། སློབ་གྲྭ་དེས་མ་དངུལ་བརྩོན་ལེན་བྱས་ནས“མི་རིགས་མཐུན་སྒྲིལ་སློབ་གསོའི་བརྗོད་དོན་གཙོ་བོའི་སྤྱི་གླིང”གི་བརྗོད་གཞིའི་སྐྱེད་ཚལ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་ངོ་སྤྲོད་བྱེད་པའི་དྲིལ་བསྒྲགས་འགྲེམས་པང་མང་པོ་བཙུགས་ཡོད། འདི་ནི་སློབ་གྲྭ་དེའི་སློབ་མས་དྲིལ་བསྒྲགས་འགྲེམས་པང་དུ་འཁོད་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལ་འགྲེལ་བཤད་རྒྱག་བཞིན་པ།