མཛེས་པའི་ཀྲུང་གོའི་ཡུལ་ལྗོངས།
བོད་ལྗོངས།
གསའ་ཕུ་གངས་རི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁོངས་སུ་ཆགས་པ་དང་། དེ་གར་འཁྱགས་རོམ་དང་། མཚོ། རྩྭ་ཐང་བཅས་ལས་མ་བཅོས་ལྷུན་གྱིས་གྲུབ་པའི་ཡིད་འོང་མཛེས་ལྗོངས་ཤིག་གྲུབ་ཡོད། འདི་ནི་ཡུལ་སྐོར་བས་གསའ་ཕུ་གངས་རིའི་མཛེས་ལྗོངས་ལ་པར་རྒྱག་བཞིན་པ།
སི་ཁྲོན།
རྨ་ཆུ་དེ་བ་ཡན་ཁྲ་ལ་རི་བོ་ནས་རྒྱུག་པའི་ཆུ་ཕྲན་མང་པོ་གཅིག་ཏུ་འདུས་ཏེ་དྲག་ཏུ་རྒྱུག་པའི་གཙང་པོར་གྱུར་པ་དང་། མཐར་ཀན་སུའུ་ཡི་ནུབ་ནས་ཤར་དུ་རྒྱུག་སྟེ་སི་ཁྲོན་མངའ་ཁོངས་སུ་རྒྱུག་གི་ཡོད། འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་རྨ་ཆུའི་ཁུག་དགུར་གྲགས་པའི་ཁུག་དང་པོའི་མཛེས་ལྗོངས་ཡིན་པ།
ཧྲན་ཤིས།
ཉེ་ཆར་སྟོད་རྒྱུད་དུ་ཆར་ཆུ་མང་བ་དང་ཆུ་མཛོད་ཀྱི་ཆུ་གློད་པའི་ཤུགས་རྐྱེན་འོག་རྨ་ཆུའི་ཧུའུ་ཁོའུ་རྦབ་ཆུའི་རྦབ་ཆུ་ཆེ་ཆུང་གཉིས་མཉམ་དུ་སྦྲེལ་ནས་དྲག་ཏུ་རྒྱུག་པའི་ཆུ་བོའི་རྣམ་པ་འཇིགས་སུ་རུང་བ་ཞིག་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད།
འདི་ནི་ཡུལ་སྐོར་བས་རྨ་ཆུའི་ཧུའུ་ཁོའུ་རྦབ་ཆུའི་མཛེས་ལྗོངས་ལ་ལྟ་བཞིན་པ།
ཧེ་ལུང་ཅང་།
ཉི་འོད་གླིང་ཕྲན་ནི་ཧར་པིན་གྲོང་ཁྱེར་གྱི་སུང་ཧྭ་ཅང་གཙང་པོའི་བྱང་ངོགས་སུ་ཆགས་པ་དང་། དེ་ནི་རྒྱལ་ནང་དུ་མཐོང་དཀོན་པའི་གྲོང་ཁྱེར་གྱི་ལྟེ་གནས་སུ་ཆགས་པའི་གྲམ་ཐང་དང་། འདམ་ར། རྩྭ་ཐང་བཅས་རྣམ་པའི་གཙང་རྒྱུད་ཀྱི་སྐྱེ་ཁམས་ཡིན་ཞིང་། འདི་ནི་ཉི་འོད་གླིང་ཕྲན་གྱི་མཛེས་ལྗོངས་ཡིན་པ།