དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མི་ཚང་མའི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-18

    འདི་ནི་ཟླ་9ཚེས་16ཉིན་གྱི་སྔ་དྲོར། འབྲེལ་ཡོད་ཚན་པའི་ལས་དོན་པས་ལྷ་ས་གཡུ་ཐོག་ལམ་དུ་མང་ཚོགས་ལ་རྒྱལ་སྲུང་བདེ་འཇགས་ཀྱི་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།

    ཟླ་9ཚེས་16ཉིན་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་23པ་ཡིན། འདི་ལོའི་བརྗོད་དོན་གཙོ་བོ་ནི“སྙིང་སྟོབས་ཆེར་བསྐྱེད་རྒྱལ་སྲུང་སྟོབས་ཆེར་བཏང་། དཔའ་ངར་ཞུམ་མེད་བསྐྱར་དར་ཕྱོགས་སུ་སྐྱོད”ཅེས་པ་དེ་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་ཏུ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། དྲིལ་བསྒྲགས་འགྲེམས་པང་སྟོན་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་བློ་འདྲི་བྱ་ཡུལ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་སྲུང་བདེ་འཇགས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་པ་དང་རྒྱལ་སྲུང་བདེ་འཇགས་ཀྱི་ཤེས་བྱའི་ལག་དེབ་སྤྲད་དེ་ཚང་མའི་རྒྱལ་སྲུང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།