སྟོན་ཉམས་ཀྱིས་ཕྱུག་པའི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་དག་པ་གྲོང་ཚོ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་གྲོང་ཚོ་ཁག་སྐྱེ་ཁམས་སྡོད་མལ་དང་། ཁྱད་ཆོས་མངོན་གསལ། ཐོན་ལས་དང་གྲོང་ཚོ་གཞི་གཅིག་ཅན་བཅས་ཀྱི་གནས་འཕྲོད་དང་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཧུར་ཐག་བསྐྲུན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མུ་མཐུད་ཆེ་རུ་བཏང་ཞིང་། འདི་ནི་སྟོན་ཉམས་ཀྱིས་ཕྱུག་པའི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་དག་པ་གྲོང་ཚོ་ཡིན་པ།