ཀྲེ་ཅང་ཀྲོའུ་ཧྲན་རུ་ལིའུ་ཧེང་གཞུང་ལམ་ཟམ་ཆེན་སྐྲུན་པར་བྲེལ་བ།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ལིའུ་ཧེང་གཞུང་ལམ་ཟམ་ཆེན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“འབྲི་ཆུའི་དཔལ་འབྱོར་ཁུལ”གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རྣམ་གྲངས་དེ་བསྐྲུན་རྗེས་ཀྲེ་ཅང་ལ་མཚོ་སྒྲོལ་ལམ་ཆེན་གསར་པ་བསྣན་རྒྱུ་ཡིན་པ་རེད། འདི་ནི་ཟླ་9ཚེས་10ཉིན་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ལིའུ་ཧེང་གཞུང་ལམ་ཟམ་ཆེན་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་ལས་ཡུལ་དངོས་ཡིན་པ།