ཧུའུ་ནན་ཀུའེ་དབྱང་དུ་ཞིང་ལས་སྐྱེ་དངོས་སྲུང་སྐྱོང་མི་མེད་གནམ་གྲུས་མེ་ཏོག་གི་སོན་བཤོས་པ།
ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ཀུའེ་དབྱང་རྫོང་གིས་རྒྱུན་སྲིང་ལྷོད་མེད་ངང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་ལ་འདེགས་སྐྱོར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ“སྐྱེ་དངོས་སྲུང་སྐྱོང་མི་མེད་གནམ་གྲུ+མི་ཐབས”ཀྱི་ཟུང་འབྲེལ་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བས་རྒྱུད་འདྲེས་ཆུ་འབྲས་སྡེབ་སྦྱོར་བྱེད་ཚད་མཐོ་རུ་ཕྱིན་པ་མ་ཟད། སྤུས་ཚད་ལའང་འགན་ལེན་བྱུང་སྟེ། གོ་ཆོད་པའི་ཞིང་ལས་ཚན་རྩལ་ལ་བརྟེན་ནས་ཞིང་པར་འབབ་འཕར་བྱུང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་ཡོད། འདི་ནི་ཟླ་9ཚེས་12ཉིན་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ཀུའེ་དབྱང་རྫོང་ཐང་ཧྲེ་གྲོང་རྡལ་གྱི་རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་རྟེན་གཞིར་ཞིང་ལས་ལག་རྩལ་མི་སྣས་སྐྱེ་དངོས་སྲུང་སྐྱོང་མི་མེད་གནམ་གྲུ་བཏང་ནས་རྒྱུད་འདྲེས་ཆུ་འབྲས་ཀྱི་སོན་གཤོ་བཞིན་པ།