ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གསུམ་པ་ཧྥུའུ་ཅན་ཞ་མོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བ།

ཟླ་9ཚེས་8ནས་ཚེས་11ཉིན་བར་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གསུམ་པ་ཧྥུའུ་ཅན་ཞ་མོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བ་རེད། རང་ལྗོངས་ཀྱིས་ཁྱད་ལྡན་ཁེ་ལས་16སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རར་ཕྱོགས་ནས་རང་ལྗོངས་ཀྱི་ས་མཐོའི་ཞིང་འབྲོག་དང་། སྨན་རྒྱུ། རིག་གནས་གསར་གཏོད་སོགས་ལེགས་ལྡན་ཐོན་ལས་དང་དེ་བཞིན་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཡོད།
འདི་ནི་འགྲེམས་སྟོན་ནང་ཞུགས་མཁན་གྱིས་བོད་ཀྱི་འགྲེམས་ཁུལ་དུ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཤེས་རྟོགས་དང་ཉོ་སྒྲུབ་བྱེད་བཞིན་པ།