དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མོག་རོ་ནག་པོ་ཕྱུག་འགྱུར་གྱི་ལྡེ་མིག་ལ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-10

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གིས་ཕུན་སུམ་ཚོགས་པའི་ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས། བཟའ་བཅའི་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཡོད། འདི་ལོའི་ལོ་སྟོད་དུ་ཤང་ཡོངས་ཀྱིས་རླམ་རྩྭ་ཕོ་སུལ་དང་། མོག་རོ། ཀོ་ཤ་སོགས་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་དུད་ཚང་ལ་རིམ་རྩིས་བྱས་ན་དངུལ་སྨར་ཡོང་འབབ་སྒོར་ཁྲི་70ལྷག་ཙམ་མང་དུ་ཕྱིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་ཕྱིན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། འདི་ནི་དགུ་ཐང་ཤང་བུ་ལུང་གྲོང་ཚོའི་ནགས་ཁྲོད་འདེབས་འཛུགས་ར་བར་བཏབ་པའི་མོག་རོ་ནག་པོ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།