ཡིག་གཟུགས་ཀྱི་སྒྱུ་རྩལ་ལམ་ནས་མི་རིགས་མཐུན་སྒྲིལ་གྱི་མཛའ་བཤེས་མངོན།
ཉེ་ཆར། ཆིང་ཏའོ་གྲོང་ཁྱེར་སྲིད་གྲོས་དང་། ཆིང་ཏའོ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས། ཆིང་ཏའོ་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་འབྲིང་དང་པོ་དང་མཉམ་དུ་ཡིག་གཟུགས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས། ཡིག་གཟུགས་འདི་ཉིད་མཚམས་སྦྱོར་དུ་བྱས་ཏེ་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཆིང་ཏའོ་དང་གཞིས་རྩེ་ས་གནས་གཉིས་ཀྱི་ཡིག་གཟུགས་མཁས་ཅན་གྱིས་རྒྱ་བོད་ཡིག་གཟུགས་ཀྱི་རྣམ་པར་བརྟེན་ནས“མཐུན་སྒྲིལ”སོགས་ཡིག་གཟུགས་བརྩམས་ཆོས་སོ་སོར་བྲིས་པ་རེད། འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་ཡིག་གཟུགས་མཁས་ཅན་གྱིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སློབ་འབྲིང་སློབ་མ་ཞིག་ལ་ཡིག་གཟུགས་དམར་འཁྲིད་བྱེད་བཞིན་པ།