ང་ཚོ་མཉམ་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་བྱེད།
སྡེ་ཁུལ་དང་བླངས་པའི་གསོ་སྦྱོང་གི་ཚ་རླབས་འཕྱུར་བ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ཏའོ་ཁྲང་ཤང་གིས་ཧུའུ་ཧྲན་ཧྥུའུ་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ“ང་ཚོ་མཉམ་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་པ་བྱེད”ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས། ན་གཞོན་ཏང་ཡོན་དང་། དམག་ཞབས་ཐིམ་པའི་དམག་མི། སྤྱི་ཚོགས་ལས་དོན་པ། གྲོང་མི་མང་ཚོགས་སོགས་ཀྱིས་ཐུན་མོང་ཐོག་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་གྲུབ་སྟེ་སྐད་བརྡའི་ནུས་པ་དང་། མྱུར་སྐྱོབ་རྩལ་ནུས། དབང་པོ་སྐྱོན་ཅན་ལ་རོགས་རམ་ཞབས་ཞུ། འཕྲལ་སྡོམ་རོགས་སྐྱོབ་སོགས་ལ་དམིགས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གསོ་སྦྱོང་བྱས་པ་རེད།
འདི་ནི་ཏའོ་ཁྲང་ཤང་སྡེ་ཁུལ་སློབ་གསོ་ལྟེ་གནས་ཀྱི་དགེ་རྒན་གྱིས་དང་བླངས་པ་ཚོར་དབྱིན་ཡིག་གི་ཆུ་ཚད་མཐོ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་བྱེད་བཞིན་པ།