དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • 2023ལོའི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བའི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-07

    ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་དང་ལྷ་ས་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི་2023ལོའི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བའི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་བསྟར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ལས་དོན་མི་སྣས་གྲོང་མི་མང་ཚོགས་ལ་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྱབ་གདལ་ཤེས་བྱའི་ཀློག་དེབ་སྤྲད་པ། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་རྟོགས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    འདི་ནི་ལས་དོན་མི་སྣས་གྲོང་མི་མང་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་ཀློག་དེབ་སྤྲོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།