ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེས“ཤེས་བྱའི་ཉིན་མོའི”བྱེད་སྒོ་སྤེལ་བ།
ཟླ་9ཚེས་1ཉིན་ནི་ཨུ་རུ་སུའི“ཤེས་བྱའི་ཉིན་མོ”ཡིན་ལ་སློབ་འགོ་ཚུགས་པའི་ཉིན་དང་པོའང་རེད། ཟླ་9ཚེས་2ཉིན་ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེ་གྲོང་ཁྱེར་གྱིས་ལྟེ་བའི་ཐང་ཆེན་དུ་སྣ་མང་ཕུན་སུམ་ཚོགས་པའི“ཤེས་བྱའི་ཉིན་མོའི”བྱེད་སྒོ་སྤེལ་ནས་བྱིས་པ་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་འགུགས་ཐབས་བྱས་པ་རེད། འདི་ནི་ཨུ་རུ་སུའི་ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེ་གྲོང་ཁྱེར་གྱིས་གཉེར་བའི“ཤེས་བྱའི་ཉིན་མོའི”བྱེད་སྒོར་བྱིས་པ་ཞིག་གིས་ཕྲ་མཐོང་ཆེ་ཤེལ་གྱིས་སྐྱེ་དངོས་ཕྲ་རབ་ལ་ལྟ་བཞིན་པ།