“ཁན་སྦྱར་སེར་པོ་བས”ལྕགས་ལམ་གྱི་ལམ་ཐིག་ལ་སྐོར་ཞིབ་བྱས་ནས་བདེ་འཇགས་སྲུང་བ།

ཟླ་8ཚེས་28ཉིན་གྱི་ཕྱི་དྲོར། ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་ཡོད་པའི་ལྷ་ཉིང་ལྕགས་ལམ་མངར་ལ་ཕུག་ལམ་ཁའི་གཡང་གཟར་ཞིག་ཏུ། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་རྒྱ་ཚ་ཟམ་ཕུག་ལས་ཁུལ་གྱི་ལས་བཟོ་ཚོས་ཁན་སྦྱར་སེར་པོ་དང་སྲུང་ཞྭ་གྱོན་ཞིང་ལག་ལ་ཐོ་བ་སོགས་བཟུང་ནས་ཚེར་མ་མང་པོ་སྐྱེས་པའི་ལམ་ཕྲན་བརྒྱུད་རི་སྐོར་བྱེད་བཞིན་ཡོད་པ་རེད། སྟོན་ཁ་ཤར་ཚུན་དུ། ལྷ་ཉིང་ལྕགས་ལམ་རྒྱུད་དུ་ཆར་ཆུ་འབེལ་བས། མེ་འཁོར་འཁོར་སྐྱོད་ཀྱི་བདེ་འཇགས་སྲུང་ཆེད། ཟླ་བརྒྱད་པའི་ཟླ་དཀྱིལ་ནས་བཟུང་། ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུས་གཙོ་གནད་འགག་སྒྲོལ་དང་གོ་རིམ་ལྡན་པའི་བཅོས་སྒྲིག་གི་རྩ་དོན་མཐའ་འཁྱོངས་བྱས་ཐོག་པན་དང་ཚོགས་ཆུང་ཚན་པར་བྱས་ནས་ལས་མི་ཧྲག་པོ་སྒྲིག་འཛུགས་ཀྱིས་དོ་དམ་བྱེད་ཁོངས་སུ་ཡོད་པའི་ལྷ་ཉིང་ལྕགས་ལམ་གྱི་གཞོགས་གཉིས་དང་། ཕུག་ལམ་ཁ། ལམ་གཞི་མཐོ་བ། ལམ་འོབས་སོགས་ས་གཤིས་གནོད་འཚེ་ཐོན་སླ་ཁུལ་གྱི་རི་གཟར་རྦབ་རྡོ་དང་ལྕགས་དྲར་ལེབ་བཤེར་བྱས་པ་རེད། འདི་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལས་དོན་པས་ལྷ་ཉིང་ལྕགས་ལམ་རྒྱུད་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།