དབུ་ཤོག>པར་མཛོད།
  • 2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲོང་སྐོར་མར་སུན་འགྲན་བསྡུར་ཆེན་པོ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-30

    འདི་ནི་བདམས་ཐོན་པ་རྒྱུག་ཤར་འགྲན་བསྡུར་བྱེད་པ།

    ཚེས་26ཉིན་2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲོང་སྐོར་མར་སུན་འགྲན་བསྡུར་ཆེན་པོ་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་ནང་སྤྱི་ལེ་5ཡི་རང་མོས་རྒྱུག་ཤར་དང་སྤྱི་ལེ་11གི་མྱུར་འགྲན་རྣམ་གྲངས་གཉིས་ཡོད་པ་དང་ལྗོངས་ཕྱི་ནང་གི་བདམས་ཐོན་པ་300ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲོང་སྐོར་མར་སུན་འགྲན་བསྡུར་ཆེན་པོ་དེ་2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ལེ་ལག་རྣམ་གྲངས་ཤིག་རེད་ལ། ལྷོ་ཁ་གྲོང་ཁྱེར་གྱིས“ལུས་རྩལ+ཡུལ་སྐོར”ཕྱོགས་ཡོངས་ནས་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་ཞིག་དང་། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ལུས་རྩལ་ཐོན་ལས་སྣེ་མང་ཅན་དང་ཁྲོམ་ར་ཅན་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།