དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ས་བབ་མཐོ་བའི་རྒུན་འབྲུམ་གླིང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ས་བབ་མཐོ་ཚད་སྨི་3600ཙམ་ཟིན་པའི་ཡར་ཀླུང་གཙང་པོའི་ངོགས་སུ་གྲམ་ཐང་དང་ས་རྒོད་སོགས་ལ་སྒྱུར་བཀོད་བྱས་པའི་རྒྱ་ཁྱོན་མུའུ་8500ཟིན་པའི་ས་བབ་མཐོ་བའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ཞིག་ཡོད། རྟེན་གཞིར་རྒུན་འབྲུམ་འདེབས་པ་དང་། སྙོལ་བ། འགྲེམས་ཚོང་། ལྟ་སྐོར་བཅས་གཞི་གཅིག་ཏུ་བསྡུས་ཤིང་། 2017ལོར་འདེབས་འཛུགས་བྱེད་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བྱས་ན་རྒུན་འབྲུམ་ཏུན་1115དང་རྒུན་ཆང་ཤེལ་དམ་ཁྲི་56.7ཐོན་སྐྱེད་བྱས། དེ་དང་ཆབས་ཅིག འདེབས་འཛུགས་རྟེན་གཞིས་ད་དུང་ས་གནས་དེ་གར་ཡུན་རིང་གི་ལས་ཞུགས་ལས་གནས་60མཁོ་འདོན་བྱས་ཏེ་ཉེ་འཁོར་གྲོང་ཚོ་10ཡི་མང་ཚོགས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཀ་བྱས་ནས་འབབ་འཕར་ཡོང་བར་བྱས་ཏེ་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད།

    འདི་ནི་རྟེན་གཞིའི་ལས་མི་ཆོས་སྒྲོན(གཡོན)དང་ལས་རོགས་ཀྱིས་རྒུན་འབྲུམ་ལ་ཡལ་གཅོད་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།