ལས་སྟེགས་བསྐྲུན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།
ད་ལོ་ནས་བཟུང་རང་ལྗོངས་ཀྱིས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དང་ལས་རིགས་གསོ་སྦྱོང་གི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ལ་དམིགས་ནས་དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་དེ་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་རམ་བྱས་ཡོད། ཉེ་ཆར་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་2023ལོའི“ཉིན་བརྒྱར་ལས་མི་ཁྲི་སྟོང་བསྡུ་བའི་ཆེད་དོན་བྱ་སྤྱོད”སྤེལ་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ན་གཞོན་ཚོགས་སྤྱིར་ལས་གནས་མཁོ་འདོན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་རིགས་ཁག་གི་ངལ་རྩོལ་པ་ལས་ཞུགས་ཐུབ་པར་བྱས་ཡོད། འདི་ནི་ལས་མི་བསྡུ་བའི་འདུ་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།