ལྷོ་བྲག་རྫོང་གིས་དཔེ་སྐྲུན་དངོས་པོའི་ཁྲོམ་རའི་ཆེད་དོན་ཞིབ་བཤེར་གྱི་བྱ་སྤྱོད་སྤེལ་བ།
ཉིན་ཤས་གོང་། ལྷོ་བྲག་རྫོང་གིས་དཔེ་སྐྲུན་དངོས་པོའི་ཁྲོམ་རའི་ཆེད་དོན་ཞིབ་བཤེར་གྱི་བྱ་སྤྱོད་སྤེལ་ཞིང་། ལག་ཁྱེར་མེད་པར་གཉེར་སྐྱོང་དང་། ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་ཕྱིར་ཚོང་། པར་གཞི་རྐུ་བ་དང་ལྐོག་པར་རྒྱག་པ། ཐ་ཤལ་གྱི་ཆགས་སྲེད་པར་སྐྲུན་དངོས་པོ་ཉོ་ཚོང་། འཇིགས་སྐུལ་དྲག་ཤུགས་སོགས་ཀྱི་ནང་དོན་ཡོད་པའི་དཔེ་སྐྲུན་དངོས་པོར་དམིགས་ནས་ཆེད་དོན་ཞིབ་བཤེར་བྱས་པ་དང་འབྲེལ། སློབ་མའི་ཀློག་དེབ་དང་དཔེ་དེབ་ཐོག་གི་རྩ་གཉིས་ཨང་རྟགས་གྲལ་བཤེར་བྱས་ནས་དཔེ་སྐྲུན་དངོས་པོའི་ཁྲོམ་རའི་གཉེར་སྐྱོང་ཁོར་ཡུག་རྒྱུན་མཐུད་ཚད་ལྡན་དང་གཙང་དུ་བཏང་བ་རེད།
འདི་ནི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་ཀྱི་བྱེད་སྒོ་སྤེལ་བཞིན་པ།