དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཚེ་རིང་བཀྲ་ཟླ་དང་ཁོང་གི་རྟ་ཕོ“རླུང་རྟ་རག་པ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཙེ་ཕུང་།   |     སྤེལ་དུས།  2023-08-15

    འདི་ནི་ཚེ་རིང་བཀྲ་ཟླས་རྟ་ཕོ“རླུང་རྟ་རག་པར”གཟན་ཆས་སྟེར་བའི་གནས་ཚུལ་ཡིན་པ།

    འདི་ནི་ཚེ་རིང་བཀྲ་ཟླས“རླུང་རྟ་རག་པའི”རྔ་མ་སླ་བའི་གནས་ཚུལ་ཡིན་པ།

    འདི་ནི་ཚེ་རིང་བཀྲ་ཟླས་སྦག་སྦག་བཞོན་ནས་བྱང་རྩྭ་ཐང་དུ་སྐྱོད་པའི་གནས་ཚུལ་ཡིན་པ།

    འདི་ནི་ཚེ་རིང་བཀྲ་ཟླས་རང་གི་ཆུང་མར་ཁ་པར་རྒྱག་བཞིན་པ།

    འདི་ནི་ཚེ་རིང་བཀྲ་ཟླའི་བུ་ལེགས་རབ་འབྱོར་ལྡན་དང་རྟ་ཕོ“རླུང་རྟ་རག་པ”ཡིན་པ།

    འདི་ནི་རྟ་ཕོ“རླུང་རྟ་རག་པ”རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པའི་གནས་ཚུལ་ཡིན་པ།

    བསྟན་འཛིན་དབང་ཕྱུག་གིས་རྟ་ཕོ“རླུང་རྟ་རག་པར”བྱམས་པོ་བྱེད་པའི་གནས་ཚུལ་ཡིན་པ། བསྟན་འཛིན་དབང་ཕྱུག་ནི་ཚེ་རིང་བཀྲ་ཟླའི་ཚ་བོ་ཡིན་ཞིང་ཧུའུ་ནན་དུ་སློབ་གྲྭ་འགྲིམས་བཞིན་ཡོད་པ་དང“རླུང་རྟ་རག་པར”ཧ་ཅང་དགའ་པོ་ཡོད། དབྱར་ཁའི་གུང་གསེང་རིང་ཕྱིར་ཕ་ཡུལ་དུ་ལོག་ནས“རླུང་རྟ་རག་པར”བདག་སྐྱོང་གང་ཡག་བྱེད་ཀྱི་ཡོད།

    འདི་ནི་ལེགས་རབ་འབྱོར་ལྡན་རྟ་ལ་བཞོན་ཞིང་ཨ་ཕ་ཚེ་རིང་བཀྲ་ཟླས་རྟ་ཁ་འཁྲིད་དེ་འགྲོ་བའི་གནས་ཚུལ་ཡིན་པ།

    འདི་ནི་ཚེ་རིང་བཀྲ་ཟླས་སྐྱས་སྤོ་བའི་སྐབས་འཚོ་བའི་གད་སྙིགས་སྒྲུག་པའི་གནས་ཚུལ་ཡིན་པ།

    འདི་ནི་ཚེ་རིང་བཀྲ་ཟླ(གཡོན་གྱི་གཉིས་པ)དང་ཁོང་གི་ནང་མི་ཚོས་རྩྭ་ཐང་དུ་ངལ་གསོ་རྒྱག་པའི་གནས་ཚུལ་ཡིན་པ།

    བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ལོ་47ལ་སླེབས་པའི་ཚེ་རིང་བཀྲ་ཟླས་རྟ་ཕོ“རླུང་རྟ་རག་པར”བཞོན་ནས་རྩྭ་ཐང་དུ་བང་རྩལ་ངོམ་བཞིན་འདུག

    ཚེ་རིང་བཀྲ་ཟླས་ལོ་20ལྷག་རིང་རྟ་ཕོ་འབྲོག་རའི་ཉེ་འགྲམ་གྱི་རྩྭ་ཆུ་བཟང་སར་ཁྲིད་དེ་འཚོ་སྐྱོང་ཡག་པོ་བྱེད་ཀྱི་ཡོད། ཁོང་གི་བུ་ལེགས་རབ་འབྱོར་ལྡན་རྟག་ཏུ“རླུང་རྟ་རག་པར”བཞོན་ནས་རྟ་རྒྱུག་སྣ་ཚོགས་ལ་ཞུགས་པར་གཡུར་དུ་ཟ་བའི་འབྲས་བཟང་ཐེངས་མང་ཐོབ་ནས“རླུང་རྟ་རག་པ”ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། དེ་སྔོན་མི་ཞིག་གིས་རིན་གོང་སྒོར་ཁྲི་100སྤྲད་དེ་ཉོ་རྩིས་བྱས་ཀྱང་ཚེ་རིང་བཀྲ་ཟླས་བཙོངས་མེད། ཁོང་གིས“ང་དང‘རླུང་རྟ་རག་པ’སྔ་ས་ནས་ཁ་འབྲལ་ཐབས་མེད་པའི་ནང་མིར་གྱུར་ཡོད”ཅེས་བཤད།

    རང་ཉིད་ཀྱི་བུས“རླུང་རྟ་རག་པར”བདག་སྐྱོང་ཡག་པོ་བྱེད་པ་མཐོང་བས་ཚེ་རིང་བཀྲ་ཟླ་ཧ་ཅང་དགའ་པོ་བྱུང་ཡོད། “ཁོང་གཉིས་ལ་ལྟ་བཞིན་གློ་བུར་དུ་རང་ཉིད་ལ་བུ་གཉིས་ཡོད་པའི་སྣང་བ་སྐྱེས་བྱུང”ཞེས་ཚེ་རིང་བཀྲ་ཟླས་གད་མོ་དགོད་ཞོར་བཤད།

    ཚེ་རིང་བཀྲ་ཟླས་རྟ་ཡིས་གནའ་སྔ་མོ་ནས་མིའི་རིགས་ལ་སྟབས་བདེ་གང་མང་བསྐྲུན་པས་ང་ཚོས་ལྷག་བསམ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདག་སྐྱོང་ཡག་པོ་བྱེད་དགོས་ཞེས་ནམ་རྒྱུན་བུ་ཕྲུག་ཚོར་ཁ་ཏ་བྱེད་ཀྱི་ཡོད་པ་རེད།

    ཉིན་དེར། “རླུང་རྟ་རག་པ”སླར་ཡང་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་དགོས་པས། ཚེ་རིང་བཀྲ་ཟླས“རླུང་རྟ་རག་པར”ཨང་རིམ་ཡག་པོ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། “གལ་སྲིད་ཉིན་ཞིག‘རླུང་རྟ་རག་པས’ཨང་རིམ་ཡག་པོ་མ་ལོན་ཡང་ངས་སྔར་བཞིན་བདག་སྐྱོང་ཡག་པོ་བྱེད་ངེས་རེད”ཅེས་བཤད་པ་རེད།

    རྟ་ཕོ་དང་མཉམ་དུ་རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་བྱེད་པའི་གཏམ་རྒྱུད་འདི་ལྟ་བུ་མུ་མཐའ་མེད་པའི་བྱང་རྩྭ་ཐང་དུ་མང་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།