དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཐོན་མང་མཉམ་འདྲེས། ལས་རིགས་དར་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དེང་རབས་ཞིང་ལས་ཐོན་ལས་གླིང་འཕེལ་རྒྱས་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། “ཞིང་ལས་+གྲོང་གསེབ་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་བརྒྱུད་དེང་རབས་ཞིང་ལས་ཐོན་ལས་གླིང་དང་དེ་བཞིན་སྐྱེ་ཁམས་སྔོག་འཐུ་གླིང་ཁག་གཅིག་བཏོད་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྷད་མེད་སྐྱེ་ཁམས་སྔོག་འཐུ་གླིང་ནི་ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་དང་། སྔོག་འཐུ། སྤྲོ་གསེང་ལྟ་སྐོར། ཞིང་ལས་ཚན་རིག་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་པའི་སྔོག་འཐུ་གླིང་ཞིག་ཡིན་པ་རེད། དེས་ས་གནས་དེ་གའི་མང་ཚོགས་ལས་ཀར་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་པ་དང་དུས་མཚུངས་ས་གནས་དེ་གའི་ལག་རྩལ་པ་གསོ་སྐྱོང་བྱས་ནས། ཁོང་ཚོས་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པ་བྱས་ཏེ་ཉེ་སར་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད།

    འདི་ནི་གྲོང་མིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྷད་མེད་སྐྱེ་ཁམས་སྔོག་འཐུ་གླིང་ནས་ཤིང་འབྲས་ཝུའུ་ཧྭ་གོ་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།