ཀྲུང་གོའི་བྱང་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་13པས་མཚོ་འཁྱགས་ཀྱི་ཕྱོགས་བསྡུས་བརྟག་ཞིབ་ལས་འགན་སྒྲུབ་འགོ་ཚུགས་པ།
ཟླ་8ཚེས་12ཉིན་རང་བྱུང་ཐོན་ཁུངས་པུས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བྱང་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་13པ“གངས་འབྲུག་རྟགས་ཅན་2པ”གླིང་སྣེའི་ས་ཁུལ་གྱི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་ལ་བསྡད་དེ་བྱང་གི་འཕྲེད་ཐིག་ཏུའུ་81ཉེ་འགྲམ་གྱི་མཚོ་ཁོངས་སུ་བསྐྱོད་ནས་རྒྱ་མཚོའི་འཁྱག་པའི་ཕྱོགས་བསྡུས་རྟོག་ཞིབ་ལས་འགན་སྒྲུབ་འགོ་ཚུགས་ཡོད།
འདི་ནི་ཟླ་8ཚེས་12ཉིན་ཚན་རིག་རྟོག་ཞིབ་རུ་མིས་རྒྱ་མཚོའི་འཁྱག་པར་ཕྱོགས་བསྡུས་རྟོག་ཞིབ་བྱེད་བཞིན་པ།