དབུ་ཤོག>པར་མཛོད།>པར་མཁན།
  • སུར་པན་དམར་པོར་ལོ་ལེགས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-14

    ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོ་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཚུང་ཅང་རྫོང་གིས་བཏབ་པའི་སུར་པན་མུའུ་ཁྲི་2.7ལ་ལོ་ལེགས་བྱུང་ནས་གྲོང་མི་ཚོས་སུར་པན་འཐུ་བ་དང་། དབོར་བ། ཉི་སྐམ་གཏོང་བ་བཅས་ཀྱི་ལོ་ལེགས་ཀྱི་རྣམ་པ་མངོན་ཡོད། ཉེ་བའི་ལོ་ཤས་རིང་། ཚུང་ཅང་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་ཡུལ་བབ་དང་བསྟུན་ཏེ་སུར་པན་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ས་གནས་དེ་གའི་ཞིང་དུད་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཚུང་ཅང་རྫོང་ཤ་ཅང་གྲོང་རྡལ་ཕིང་ཅང་གྲོང་ཚོའི་སུར་པན་འདེབས་འཛུགས་རྟེན་གཞིར་གྲོང་མིས་སུར་པན་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།