མལ་གྲོ་གུང་དཀར་རྫོང་གིས་རྩ་ཞོལ་ཤང་ཀློང་གྲོལ་སྒང་ཟམ་ཆེན་གསར་སྐྲུན་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།
ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་རྩ་ཞོལ་ཤང་ཀློང་གྲོལ་སྒང་ཟམ་ཆེན་གསར་སྐྲུན་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་མལ་གྲོ་གུང་དཀར་རྫོང་གི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། ཟམ་པའི་རིང་ཚད་ལ་སྨི་308.08དང་ཞེང་ཚད་ལ་སྨི་8ཟིན་ཞིང་ཁྱོན་མ་དངུལ་སྒོར་ཁྲི་2800ལྷག་ཙམ་གཏོང་རྩིས་ཡོད་པ་རེད། ཟམ་ཆེན་དེ་ནི་གཙང་པོའི་ངོགས་གཉིས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་སྐྲུན་པའི་བགྲོད་ལམ་གཙོ་བོ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ཕན་ཚུན་འབྲེལ་མཐུད་དང་མཛེས་སྡུག་ལྡན་པའི་མལ་གྲོ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་ཞིང་། དེ་ཉིད་རྩ་ཞོལ་ཤང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད།
འདི་ནི་ལས་འགོ་ཚུགས་པའི་མཛད་སྒོ་ཚོགས་ཡུལ་ཡིན་པ།