དབུ་ཤོག>པར་མཛོད།
  • 2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-12

    ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་འགོ་ཚུགས་པ་དང་། རྟ་རྩལ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོས་མང་ཚོགས་ཀྱི་ཡིད་དབང་བཀུག་ཡོད། འདི་ནི་ཟླ་8ཚེས་10ཉིན་རྟ་པས་རྟ་རྩལ་ངོམ་བཞིན་པ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་འགོ་ཚུཊ་པ་དང་། རྟ་རྩལ་དང་རིག་རྩལ་འཁྲབ་སྟོན་སོཊ་ཀྱི་བྱེད་སྒོས་མང་ཚོཊ་ཀྱི་ཡིད་དབང་བཀུག་ཡོད། འདི་ནི་ཟླ་8ཚེས་10ཉིན་རྟ་པས་རྟ་ཐོག་ནས་ཚ་ཁ་ལྟ་བཞིན་པ།

    ཟླ་8ཚེས་10ཉིན་ནག་ཆུའི་གེ་སར་རྟ་རྒྱུག་ར་བར་2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་སྤེལ་ཡུན་ཉིན་3ཡིན་པ་རེད།

    སྐབས་འདིའི་རྟ་རྒྱུག་དུས་ཆེན་གྱིས“ནག་ཆུ་གསར་པ་མདུན་དུ་སྐྱོད། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྲོལ་རྒྱུན་གྱི་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཕུལ་བྱུང་གི་རིག་རྩལ་འཁྲབ་སྟོན་དང་། དངོས་ཟོག་ཚོང་དོན་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ། མདུན་སྐྱོད་ཀྱི་གྲུབ་འབྲས་མངོན་པ་སོགས་གཞི་གཅིག་ཏུ་བསྡུས་ནས་ནག་ཆུའི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་པར་བྱས་པ་དང་། བོད་བྱང་ཐང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་ལེགས་མངོན་པ། དུས་རབས་གསར་པའི་ནག་ཆུའི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་གསར་པ་གང་ལེགས་མངོན་པར་བྱས་ཏེ། མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བོད་བྱང་ཐང་དུ་རྒྱུན་དུ་བཞད་པ་དང་མདུན་སྐྱོད་ཀྱི་གླུ་དབྱངས་བྱང་ཐང་གི་ས་གཞི་ཆེན་པོར་ཁྱབ་ནས་ནག་ཆུ་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་བ་དང་། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ། འབད་འབུངས་ཡར་བརྩོན་གྱིས་བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་དུས་རབས་ཀྱི་གསུང་སྒྲ་སྐད་གསང་མཐོན་པོས་བླངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།