སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག ཆ་སྒྲིག་རོགས་སྐྱོར་གནད་ལ་སྨིན།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན། སྐོར་ཞིབ་གཞུང་ལས་ཁང་། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་བཅས་ཀྱིས་མཉམ་དུ“འགན་འཁྲི་ནུས་ལྡན་འཁུར་ནས་སྤྱོད་ཚུལ་ལ་ཞུན་བརྡར་བྱེད། ཆ་སྒྲིག་རོགས་སྐྱོར་བྱས་ནས་ཐོག་མའི་བསམ་འདུན་སྲུང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་རང་སོ་སོའི་ཆ་སྒྲིག་རོགས་སྐྱོར་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་དེ་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་རེད། འདི་ནི་ཏང་ཡོན་གྱིས་མང་ཚོགས་ཁྱིམ་དུ་བསམ་འཆར་དང་རེ་ཞུ་ཉན་པ་དང་འབྲེལ་རོགས་སྐྱོར་སྲིད་ཇུས་འགྲེལ་བཤད་རྒྱག་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་ལུང་ཤང་གི་ལས་བྱེད་པས་ཁྲོ་མཐིལ་སྒང་གྲོང་ཚོའི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་མང་ཚོགས་ལ་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་བསྐྱལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཤིང་། འདི་ནི་གྲུ་པ་ལུང་ཤང་གི་ལས་བྱེད་པས་ཁྲོ་མཐིལ་སྒང་གྲོང་ཚོའི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་མང་ཚོགས་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།