རིག་གནས་སྟོན་མོ་ཕུན་སུམ་ཚོགས། མང་ཚོགས་དགའ་བདེའི་དཔལ་ལ་རོལ།
ཉེ་ཆར། པེ་ཅིང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2023ལོའི་ལྷ་ས་དང་པེ་ཅིང་གི“སེམས་པ་གཅིག་སྦྲེལ”སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་མཇུག་ཤོས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་ཞིང་། སྒྲ་སྙན་རྟ་མགོ་མ་དང་ཧུའུ་མའེ་རོལ་དབྱངས《རྟ་ཁྲི་མཉམ་རྒྱུག》དང་། གླུ་གཞས《དེང་དུས་ལ་དགའ་འབོད་བྱེད》དང《ཤར་ཕྱོགས་རི་བོའི་རྩེ་ནས》སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་ལ་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “སེམས་པ་གཅིག་སྦྲེལ”གྱི་སྒྱུ་རྩལ་གཟའ་འཁོར་བྱེད་སྒོ་དེ་པེ་ཅིང་གི་བོད་སྐྱོར་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་དེའི་དམིགས་ཡུལ་ནི་པེ་ཅིང་དང་ལྷ་སའི་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་རེད། འདི་ནི་པེ་ཅིང་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་ཚོས་ལྷ་སའི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།