སྒུལ་སྐྱོད་བྱོས་དང་སྤྲོ་སྣང་འཕེལ།

ཟླ་8ཚེས་8ཉིན་ནི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཐེངས་15པ་རེད། དམངས་ཡོངས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་ལྗོངས་སུ་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་སྤེལ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། 2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”དང“དམངས་ཡོངས་ཀྱི་ལུས་སྦྱོང་ཉམས་ལེན་ཟླ་བའི”འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་རྟ་རྒྱུག་ཐང་དུ་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ལུས་སྦྱོང་ལ་དགའ་མཁན་ཚོས་སྒོར་གཞས་དང་། ལུས་སྦྱོང་ལུས་རྩལ། ཐའེ་ཅི་དྲག་རྩལ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་ལུས་སྦྱོང་རྣམ་གྲངས་འཁྲབ་སྟོན་བྱས་ནས། མང་ཚོགས་ལུས་རྩལ་སྦྱོང་བརྡར་ལ་ཧུར་ཐག་ཞུགས་པ་དང་། གཟུགས་པོ་ཐང་དུ་གཏོང་བ། བདེ་ཐང་གི་འཚོ་བ་སྐྱེལ་བར་ཚན་རིག་དང་མཐུན་པ་ཁྲིད་སྟོན་བྱས་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།