དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-07

    ཉེ་བའི་ལོ་ཤས་རིང་། ཡར་འབྲོག་གཡུ་མཚོའི་ཡུལ་སྐོར་ཁུལ་དུ་གནས་པའི་བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་འདབ་ལུང་གྲོང་ཚོས་ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་རིག་གནས་དང་ཡུལ་སྐོར་གསར་སྤེལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ཨན་ཧུའེ་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་འདབ་ལུང་གྲོང་ཚོས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་ཧུར་ཐག་བསྐྲུན་ནས་གྲོང་ཚོའི་གཞུང་ལམ་ལས་གྲྭ་དང་བཟོ་སྐྲུན་རྣམ་པ་རིམ་སྤོར་ལེགས་སུ་བཏང་བ་རེད། རྣམ་གྲངས་ལག་བསྟར་བྱས་པ་ལས་གྲོང་མིའི་གནས་སྡོད་ཆ་རྐྱེན་དང་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། རྣམ་གྲངས་ལག་བསྟར་བྱེད་རིང་། ས་གནས་དེ་གའི་མང་ཚོགས་ཁྱོན་མི་ཐེངས་3140ལས་ཀར་ཞུགས་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་160ལྷག་ཙམ་བྱུང་ཞིང་། འདི་ནི་འདབ་ལུང་གྲོང་ཚོ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།