དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ་བདེ་བླག་ངང་གློག་དྲ་སྦྲེལ་མཐུད་བྱས་ནས་གློག་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-05

    འདི་ནི་བོད་ལྗོངས་མཚོ་སྨད་གྲི་གུའི་རླུང་གློག་ར་བ་ཡིན་པ།

    གསར་འགོད་པར་འགག་གསུམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་3ཉིན་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པའི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ར་བ—བོད་ལྗོངས་མཚོ་སྨད་གྲི་གུ་རླུང་གློག་ར་བའི་འཕྲུལ་ཙུའུ་རྐྱང་པར་ཀྲའོ་ཝ་3.6ཡོད་པའི་རླུང་ཤུགས་གློག་གཏོང་འཕྲུལ་ཙུའུ་ཐོག་མ་5བདེ་བླག་ངང་གློག་དྲ་སྦྲེལ་མཐུད་བྱས་ནས་གློག་ཤར་གཏོང་ཐུབ་ཡོད། རླུང་གློག་ར་བ་དེའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་72.6ཟིན་པ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་གསར་སྤེལ་ལག་རྩལ་ཞིབ་འཇུག་དང་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་རེད། རྣམ་གྲངས་ཕྱོགས་ཡོངས་ནས་བསྐྲུན་ཏེ་བེད་སྤྱོད་གཏོང་འགོ་ཚུགས་རྗེས་ལོར་གློག་དྲ་སྦྲེལ་མཐུད་ཀྱི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2ལྷག་ཙམ་ཟིན་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།