གསར་བརྗེའི་གླུ་གཞས་བླངས་ནས་ཏང་གི་བཀའ་དྲིན་ལ་བསྟོད་པ།

ཉེ་ཆར། སྣང་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི“དགོངས་དོན་སློབ་སྦྱོང་དང་། མཐུན་སྒྲིལ་ལ་སྐུལ་འདེད། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་གསར་བརྗེའི་གླུ་གཞས་འདུ་ཚོགས་འཚོགས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེར་བསྟོད་གླུ་ཕུལ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱས་ཤིང་། འདི་ནི་སྣང་རྫོང་གི་གསར་བརྗེའི་གླུ་གཞས་འདུ་ཚོགས་འཚོག་ཡུལ་ཡིན་པ།