དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བྱེ་པ་གྲོང་ཚོས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥེ།   |     སྤེལ་དུས།  2023-07-31

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།

    འདི་ནི་བྱེ་པ་གྲོང་ཚོའི་མ་ནི་རྡོ་ཁྱིམ་ཚང་མགྲོན་ཁང་དུ་ཡུལ་མི་ཚེ་རིང་ བདེ་སྐྱིད(གཡས་ཀྱི་གཉིས་པ)ཀྱིས་སྐུ་མགྲོན་དང་གླེང་མོལ་བྱེད་བཞིན་པ།

    འདི་ནི་བྱེ་པ་གྲོང་ཚོའི་མ་ནི་རྡོ་ཁྱིམ་ཚང་མགྲོན་ཁང་དུ་ཡུལ་མི་ཚེ་རིང་ བདེ་སྐྱིད(གཡས)ཀྱིས་གཅེན་མོ་དང་མཉམ་དུ་འགྲུལ་ཁང་ལ་གཙང་སྦྲ་བྱེད་ བཞིན་པ།

    འདི་ནི་ཡུལ་སྐོར་བས་བྱེ་པ་གྲོང་ཚོར་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་བྱེ་པ་གྲོང་ཚོའི་ཡུལ་མི་བསོད་ནམས་དཔལ་ལྡན་གྱིས་ནགས་ གསེབ་ཏུ་སྐོར་གཡེང་བྱེད་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་ཟུར་ཞིག་ཡིན་པ།

    འདི་ནི་བྱེ་པ་གྲོང་ཚོའི་ཁྲོམ་གཞུང་གཙོ་བོའི་གཡས་གཡོན་དུ་བཞག་པའི་ཡུལ་སྐོར་རླངས་འཁོར་ཡིན་པ།

    བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོ་ནི་བྲག་གསུམ་མཚོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་གནས་ཤིང་། གངས་རིའི་འདབས་དང་མཚོའི་འགྲམ་དུ་ཆགས་པའི་གྲོང་ཚོ་དེ་ནི་ཡུལ་སྐོར་ལས་རིགས་ཀ་རྟེན་ཐོན་ལས་སུ་བྱེད་པའི་གྲོང་སྡེ་ཞིག་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་། བྱེ་པ་གྲོང་ཚོའི་ཡུལ་མི་ཚོས་གཙོ་བོ་ཤིང་བཅད་ནས་འཚོ་བ་སྐྱེལ་གྱི་ཡོད། ཉིང་ཁྲིའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་སྲུང་སྐྱོང་ཡག་པོ་བྱ་ཆེད། ས་གནས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་བསྒྱུར་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་འགོ་ཚུགས་ཏེ་དེ་སྔའི་བྱེ་པ་གྲོང་ཚོའི་ཤིང་རར་ནགས་ཚལ་མེ་སྐྱོན་འགོག་སྲུང་བཅའ་སྡོད་ས་ཚིགས་བརྒྱབ་ནས་གཞུང་ལམ་རྒྱུད་དུ་ཤིང་བཅད་ནས་ས་སྟོང་དུ་གྱུར་རིགས་ཚང་མར་ཤིང་བཏབ་པ་རེད།

    མིག་སྔར་བྱེ་པ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་48ཡོད་པ་དང་། 2023ལོའི་ལོ་སྟོད་དུ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་250ལྷག་ཙམ་བྱུང་ཡོད། ཡུལ་སྐོར་བ་རིམ་བཞིན་མང་དུ་སོང་བ་དང་སྦྲཌ། ཡུལ་མི་ཚོར་ཡུལ་སྐོར་ལས་བྱུང་བའི་ཡོང་འབབ་རག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།