སྐྱ་ནམ་རྒྱས་པའི་ཉིང་ཁྲི།
འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཀ་གནམ་གྲོང་ཚོའི་མུ་ཁྱུད་ཀྱི་གངས་རི་དང་། མུ་སྦྲེལ་གྱི་ཁམ་བུའི་མེ་ཏོག སྔོ་ལྗང་གི་ནས་ཞིང་། མཛེས་པའི་བོད་བཟོའི་ཁང་པ་བཅས་ལས་སྐྱེ་ཁམས་བཟང་བའི་ས་མཐོའི་མཛེས་ལྗོངས་ཤིག་གྲུབ་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“ཡུལ་སྐོར+”ཀྱི་འཕེལ་རྒྱས་གཏོང་སྟངས་ལག་བསྟར་བྱས་ནས་ཡུལ་མི་ཚོ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པར་བྱས་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ཀ་ལ་གྲོང་ཚོའི(རང་བྱུང་གྲོང་ཚོ)སྐྱེ་ཁམས་ཀྱི་མཛེས་ལྗོངས་ཡིན་པ།
འདི་ནི་སྐྱེ་ཁམས་བཟང་ལ་མཛེས་ཤིང་ལྟ་ན་སྡུག་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཡར་ཉང་འདམ་ར་ཡིན་པ།
གནམ་ལྕགས་འབར་བ་ནི་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོར་གནས་ཡོད་ཅིང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པས“ལྗང་མདོག་གི་དཀོར་མཛོད”ཅེས་ཟེར་གྱི་ཡོད། འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་གནམ་ལྕགས་འབར་བ་ཡིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་གཙོ་གཉེར་བྱས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་སྐབས《བདེ་སྐྱིད་ལོངས་སུ་སྤྱོད་པ》ཞེས་པའི་གླུ་གཞས་ལས་ཉིང་ཁྲིའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་པ།
ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་བོད་ཀྱི་ཤར་ལྷོར་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་ཁུལ་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་རེད། འདི་ནི་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལྷ་ཉིང་ལྕགས་ལམ་སྨན་གླིང་ནས་ཉིང་ཁྲི་བར་གྱི་དུམ་བུར་སྐྱོད་བཞིན་པ།
ས་གནས་དེ་གས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་འབབ་འཕར་ཡོང་བར་རོགས་རམ་བྱས་ཏེ་མི་སེར་གྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱས་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་ཡུལ་མི་སྒྲོལ་དཀར་གྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་སྐུ་མགྲོན་ལ་མཆོད་ཆང་འགྱོགས་བཞིན་ཡོད་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ཀྱིས་ཁྲོམ་ར་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ནས་དཔལ་འབྱོར་ཚོང་དོན་སྤེལ་རེས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་རེད། འདི་ནི་ཡུལ་སྐོར་བས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་ཉིང་ཁྲིའི་འགྲེམས་ཁང་དུ་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་ཤེས་རྟོགས་བྱེད་པ། དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།